གླུ་མ་ཚེ་དབང་ལྷ་མོར་ཕུལ་བ།

ཚེ་དབང་ལྷ་མོར་ཕུལ་བ། རྩོམ་པ་པོ། བསྟན་འཛིན།
ཁྱེད་རང་དྲན་པའི་་་་་་་་མིག་ཆུ་འདི་ཅི་འདྲའི་གྲང་ཨང་།
ཁྱེད་རང་དྲན་པའི་་་་་་་བརྩེ་སེམས་འདི་ཅི་འདྲའི་ཚ་ཨང་།
ཚ་གྲང་གི་དཀའ་སྡུག་བརྒྱུད་པའི་གོ་རིམ་བར་ནས།
གཏན་དུ་ཁྱེད་ཉིད་བརྗེད་མི་སྲིད་པའི་བདེན་དབང་བྱུང་།

འདི་ལྟར་དྲན་ཚེ། བཅོས་མིན་ཀྱི་བརྩེ་དུང་བར་ནས།
འདི་ལྟར་དྲན་ཚེ། ཕྱིར་དྲན་གྱི་བསམ་བཞིག་བར་ནས།
ངས་འགྱུར་མི་སྲིད་པའི་བརྩེ་དུང་གི་དྲོད་ཁོལ་བཙལ།
གལ་ཏེ་བདེན་ན་ང་ཡི་ཡོད་ཚད་ཁྱེད་ཉིད་ཡིན།

གལ་ཏེ་ཁྱེད་ཀྱི་་་་་་འཛུམ་མདངས་རྟག་བརྟན་དུ་གྲུབ་ན།
གལ་ཏེ་ཁྱེད་ཀྱི་་་་་་རང་གཤིས་འགྱུར་མེད་དུ་གནས་ན།
ངས་དཀའ་སྡུག་ཅི་འདྲ་ཞིག་མྱོང་དགོས་བྱུང་ནའང་།
ང་ཡི་སེམས་ལ་ནམ་ཡང་ཕྱིར་ལྡོག་ཡོད་མི་སྲིད།

No comments:

Post a Comment