རྒྱང་རིང་གི་མཛའ་མོ།

རྒྱང་རིང་གི་མཛའ་མོ།རྩོམ་པ་པོ། ཁ་སྒང་བསམ་གཏན་རྒྱ་མཚོ།
 མ་མཇལ་རྒྱང་རིང་གི་མཛའ་མོ།
དྭངས་གསལ་མཚོ་ངོགས་ཀྱི་ཟླ་བ།
ཟླ་བར་འོད་ཁ་དེ་མེད་ཀྱང་།
མཛའ་མོ་བདག་སེམས་ནས་འོད་འཚེར་འཚེར། 
མ་མཇལ་རྒྱང་རིང་གི་མཛའ་མོ།
མཐོན་པོའི་སྤྲིན་གསེབ་ཀྱི་ཉི་མ།
ཉི་མར་དྲོད་རླབས་དེ་མེད་ཀྱང་།
མཛའ་མོ་བདག་སེམས་ན་དྲོད་ལམ་ལམ།

མ་མཇལ་རྒྱང་རིང་གི་མཛའ་མོ།
རྫ་རི་བྲག་ཞབས་ཀྱི་གཙང་བོ།
གཙང་བོ་བཅུ་རྒྱུ་ཞིག་མེད་ཀྱང་།
མཛའ་མོ་བདག་སེམས་ན་དྭངས་བསིལ་བསིལ།

No comments:

Post a Comment