རྒྱང་རིང་གི་སྙིང་སྡུག་ལ་ཕུལ་བ།

རྒྱང་རིང་གི་སྙིང་སྡུག་ལ་ཕུལ་བ།རྩོམ་པ་པོ།བྲག་གཡབ་ཚེ་དབང་མཐར་ཕྱིན།
སྙིང་སྡུག་བྱིའུ་ཆུང་འཇོལ་མོའི། །
གསུང་སྐད་ཚངས་པའི་གསུང་དབྱངས། །
མ་ཐོས་ཞག་གསུམ་དེ་ནི། །
ལོ་གསུམ་ལས་ཀྱང་རིང་བ།
སྙིང་སྡུག་བྱིའུ་ཆུང་འཇོལ་མོའི། །
ཞལ་རས་མེ་ཏོག་འདྲ་བ། །
མ་མཇལ་ཞག་གསུམ་དེ་ནི། །
ལོ་གསུམ་ལས་ཀྱང་རིང་བ། །

སྙིང་སྡུག་བྱིའུ་ཆུང་འཇོལ་མོའི། །
མཆུ་སྒྲོས་པད་མའི་སྦྲང་རྩི། །
མ་མྱང་ཞག་གསུམ་དེ་ནི། །
ལོ་གསུམ་ལས་ཀྱང་རིང་བ། །

རྒྱང་རིང་གི་སྙིང་སྡུག་ལགས།
མགྱོགས་པོ་ཕེབས་ཤོག
གནས་འདི་ན་ཕེབས་ཤོག
གནས་འདི་ན་ཁྱེད་ཀྱི་གཏན་གྲོགས་ཡོད།
ས་འདི་ན་ཁྱེད་ཀྱི་མཛའ་བོ་ཡོད། 

རྒྱང་རིང་གི་སྙིང་སྡུག་ལགས།
མགྱོགས་པོ།
མགྱོགས་པོ་ཕེབས་ཤོག
ངས་རྨི་ལམ་ན་ཡང་སྒུག་ཡོད། སྒུག་ཡོད། སྒུག་ཡོད། སྒུག་ཡོད།

No comments:

Post a Comment