རྒྱ་མཚོ་ཆེན་པོའི་མཐའ་ན།

༈ རྒྱ་མཚོ་ཆེན་པོའི་མཐའ་ན། (Oceanside) རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།
ཆུ་ཡི་རྦ་རླབས་རེ་རེ།།
སེམས་ཀྱི་དྲན་ཤིང་རེ་རེ།།
ཆུ་མོ་གཞུང་ལ་རྒྱུག་དུས།།
སྐྱོ་གདུང་སེམས་ལ་འཁྱིལ་བྱུང་།།

ཆུ་ཡི་ཟེགས་མ་རེ་རེ།།
སྙན་པའི་གསུང་དབྱངས་རེ་རེ།།
བྲང་གི་རུས་པའི་སྟེང་ན།།
ཡིག་འབྲུ་ཚིག་གསུམ་དོད་བྱུང་།།

ང་ཡི་རྐང་རྗེས་རེ་རེ།།
རྒྱང་བཞུད་གྱེས་གདུང་རེ་རེ།།
ཕྱི་མིག་ཁྱོད་ལ་ལུས་ཀྱང་།།
དྲན་པ་སེམས་ལ་ཉར་འདུག།
2015/4/1 ཡུ་རོབ་གླིང་གི་རྒྱ་མཚོ་ཞིག་གི་འགྲམ་ནས།

No comments:

Post a comment