མིག་ཆུའི་ཀློང་གི་དབྱངས་རྟ།

༈ མིག་ཆུའི་ཀློང་གི་དབྱངས་རྟ། རྩོམ་པ་པོ། འབྲོང་དར་རྒྱས།

རང་བྱུང་ཁོར་ཡུག་བཙན་པོའི་ཤེད་ཀྱིས་བཅོམས།།
རིན་ཆེན་གཏེར་མཛོད་ཕངས་མེད་ཇག་པས་འཁྱེར།།
འབྱུང་གཞིའི་མཐུན་སྦྱོར་འཁྲུགས་པའི་མཇུག་འབྲས་དེས།།
ཁ་བ་བོད་པ་ཚང་ལ་གོད་ཆག་བསླངས།།ཨ་ཧ་ཁྱེད་ནི་བཙན་པོའི་གཞིས་ཁྱིམ་ཡིན།།
ཨ་ཧ་ཁྱེད་ནི་བཙན་པོའི་མངའ་ཐང་ཡིན།།
དེ་རིང་གནོད་འཚེ་སུ་ཡིས་ང་ཚོར་སྤྲད།།

ཡར་ཀླུང་ཡུལ་ནས་མ ཆེད་པའི་རིགས་མཐུན་ཞིག།
མ་གིར་མཐའ་མཚམས་སྲུང་བའི་དཔུང་དམག་ཅིག།
དེ་རིང་ཆུ་ལོག་ཆར་བས་བརྡུངས་ཚུལ་ཞིག།
གངས་ཅན་བོད་མིའི་སེམས་པ་གྲང་ཚུལ་ཞིག།
ཨ་ཧ་ཁྱེད་ནི་ང་ཙོའི་ཐེ་བོ་ཡིན།།
ཨ་ཧ་ཁྱེད་ནི་ང་ཚོའི་བོད་པ་ཡིན།།
དེ་རིང་ང་ཚོས་གདུང་སེམས་ཁྱེད་ལ་ཕུལ།།

2 comments:

  1. ཨ་རོགས་འཆམ་ར་བ།
    ཁྱེད་ཀྱིས་དེང་སང་ཧོབ་ཏེ་མེད་པར་གླུ་ཚིག་དྲྭ་བ་འདི་ཕྱུག་པོའི་ཁྱིམ་ཞིག་ན་བསྐྱལ་ཚར་འདུག་ག
    ད་དགའ་ནས་ཡོད།

    ReplyDelete
  2. འོ། ལགས་སོ། ཕྱུག་པོ་གནམ་ལ་ཐུག་ཡོད། ཧཧཧ། ཁ་དྲོ། འོན་ཀྱང་འདི་ཚོར་དོ་སྣང་བྱེད་མཁན་ཉུང་གི་འདུག

    ReplyDelete