སེམས་པ་སྐྱོ་སོང་།

༈ སེམས་པ་སྐྱོ་སོང་། རྩོམ་པ་པོ། མུ་ལ།
ཚང་ཚིང་ནགས་ཀླུང་ཁྲོད་ན། །
བྱ་རིགས་སྣ་ཚོགས་འཛོམས་ཀྱང་། །
ལྷ་བྱ་ཁུ་བྱུག་མེད་པས། །
འཇོལ་མོའི་སེམས་པ་སྐྱོ་སོང་། །

ཡངས་པའི་ནོར་འཛིན་སྟེང་ན། །
མེ་ཏོག་སྣ་བརྒྱ་བཞད་ཀྱང་། །
སྐལ་བཟང་མེ་ཏོག་མེད་པས། །
གཡུ་སྦྲང་སེམས་པ་སྐྱོ་སོང་། །

མཛེས་པའི་ཁྱུང་མཆུ་ཡུལ་ན། །
མཛེས་ལྡན་བུ་མོ་མང་ཡང་། །
ཡིད་མཐུན་བྱམས་པ་མེད་པས། །
བུ་ངའི་སེམས་པ་སྐྱོ་སོང་། །
མུ་ལ་ནས།

No comments:

Post a Comment