ཁ་པར་ནང་གི་སྙིང་གཏམ།

ཁ་པར་ནང་གི་སྙིང་གཏམ།         རྩོམ་པ་པོ། ཨ་རིག་འགྱུར་མེད།
མཛའ་མོ་ཁ་ཐག་རིང་སྟབས། །ཁ་པར་རྣ་བར་སྦྱར་ནས།།
སྙིང་གཏམ་རླུང་ལ་སྐུར་དུས། །སྐྱིད་ལ་རྫོགས་མཐའ་མི་འདུག།

མཛའ་མོས་ངུ་སྐད་ཁྲོད་ནས། །I miss you གསུངས་དུས།།
སྙིང་གཏམ་ཕར་བཤད་ཚུར་བཤད། །སེམས་པ་ཕར་སྟོན་ཚུར་སྟོན།།

མཛའ་མོས་སྐད་ངག་གཉོམ་པོས། །I love you གསུངས་པ།།
ཡ་ཆུང་སེམས་ལ་འཛུལ་བས། །དགའ་བ་འགོག་ཐབས་མི་འདུག།

ཁ་པར་མཐོང་ཐེངས་རེ་རེར། །Kiss རེ་རེ་སྤྲད་ཡོད།།
མཛའ་མོ་མིན་པ་ཤེས་ཀྱང་། །ང་ཡི་གཤིས་སུ་གྲུབ་འདུག།

No comments:

Post a Comment