བོད། ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ།

བོད། ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། རྩོམ་པ་པོ། སེར་ཤུལ་རིན་ཆེན་དོན་གྲུབ།
༡)ཁོར་ཡུག ཚེ་སྲོག་གི་རྟེན་གཞི།
གཙང་རླུང་། ལུས་ཁམས་ཀྱི་གསོ་སྨན།
མཁའ་རླུང་གཙང་མ། གངས་ཆུ་དྭངས་མ།
མི་གྲངས་ཐེར་འབུམ་གྱི་འཚོ་བཅུད་ཡང་དག
ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། བོད་གངས་ཅན་ལྗོངས།

༢)འཚོ་བའི་གསོ་རླུང་། འཁྱག་རོམ་གྱི་གཏེར་མཛོད།
དྭངས་གསལ་ཆུ་བོ་རྣམ་བཞིའི་འབྱུང་ཁུངས།
མཐོ་སྒང་གི་ཡང་རྩེ། བསིལ་ལྡན་ལྗོངས།
ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། བོད་ཁ་བ་ཅན།

༣)རྡུལ་ཕྲན་གྱི་སྙིགས་རོ་དག་པ། བཙོག་ཆུའི་དྲི་ངད་བྲལ་བ།
མི་ཡུལ་གྱི་ཞིང་ཁམས་དང་པོ། སྐྱེ་འགྲོའི་འཚོ་བཅུད་ཀྱི་སྙིང་པོ།
བོད་ཁ་བ་ཅན་གྱི་ཞིང་ཁམས།
ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། ས་ལའི་ལྗོངས།
༢༠༡༢/༡༠/༡༧

3 comments:

  1. བཀུར་འོས་པའི་གཞས་ཚིགས་དྲ་བའི་བྱིད་པོ་ལགས་སུ་ཞུ་རྒྱུར། སྐུ་ཉིད་ཀྱིས་བདག་ལ་གཞས་ཚིགས་འདི་གནང་སྤྱིན་ཡོད་ན་ཆོག་གམ། ཡོད་སོང་ན་ང་ལ་འབྲེལ་བ་ཞིག་བྱ་རོགས་གནང་། ཁ་བྱང་འདི་ཡིན། sungyak0@gmail.comཡིན།

    ReplyDelete
    Replies
    1. ཁྱེད་ཀྱིས་གཞས་ཚིག་འདི་སྤྱོད་ཆོག་པ་ཡིན། འོན་ཀྱང་ཁྱེད་ཀྱིས་ཟེར་སྡེར་གང་དུ་ག་དུས་ཙམ་ན་ཕྱིར་འདོན་མིན་སོགས་ཁ་གསལ་ལན་གནང་དགོས། དེ་མིན་འདི་ནས་གཞན་གྱིས་སྤྱོད་སྲིད།

      Delete
    2. ཁྱེད་ཀྱིས་གཞས་ཚིག་འདི་སྤྱོད་ཆོག་པ་ཡིན། འོན་ཀྱང་ཁྱེད་ཀྱིས་ཟེར་སྡེར་གང་དུ་ག་དུས་ཙམ་ན་ཕྱིར་འདོན་མིན་སོགས་ཁ་གསལ་ལན་གནང་དགོས། དེ་མིན་འདི་ནས་གཞན་གྱིས་སྤྱོད་སྲིད།

      Delete